བཙན་བྱོལ་བོད་མིའི་སྲིད་དང་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་བགྲོ་གླེང་། ༢༠༢༦

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡ ཐོག་རྡ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་འགོ་ཁྲིད་འོག་བཙན་བྱོལ་བོད་མིའི་སྲིད་དང་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་བགྲོ་གླེང་ཞིག་ཚོགས་གནང་ཡོད།

ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་གལ་གནད་དང་། མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས། དེ་བཞིན་འོས་བསྡུའི་ལམ་ལུགས་དང་འབྲེལ་བའི་གནད་དོན་ཁག་གི་སྟེང་དགོངས་ཚུལ་བརྗེ་ལེན་གནང་རྒྱུ་དེ་རེད། ཚོགས་འདུའི་ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མང་གཙོའི་ལས་དོན་ལ་ཐུགས་སྣང་ཅན་གྱི་མི་མང་དུ་མ་མཉམ་ཞུགས་གནང་སྟེ། མ་འོངས་བོད་ཀྱི་སྤྱི་ཚོགས་དང་མང་གཙོའི་འཕེལ་རིམ་ལ་གླེང་སློང་དང་ཕན་ཐོགས་ལྡན་པའི་བགྲོ་གླེང་ལྷུག་པོ་གནང་ཡོད་པ་བཅས།།